思念

亚东

ཨ་མ། ང་ཕྱིར་ལ་ཐོན་ཡོང་།

གླུ་བ། གཡའ་དྭངས།

ནམ་མཁའི་སྐར་ཆེན་པོ་དེ།

འོད་འཚེར་འཚེར་ནས་ཤར།

ང་བུ་ཆུང་གི་མིག་ཆུ་དེ།

ཡུར་ཆུ་འབབ་འབབ་གོ་རེད།

ཨ་་་ཨོ་་་ཨ་མ།

ང་ཅི་བྱས་བར་དུ་ཡིན་ན།

ཚུར་ལ་འཐོན་ཡོང་གོ་ལོ།

ང་ཅི་བྱས་བར་དུ་ཡིན་ན།

ཚུར་ལ་འཐོན་ཡོང་གོ་ལོ།

ནམ་མཁའི་སྤྲིན་དཀར་པོ་དེ།

ཁྱེད་ལ་འཕྲིན་ཞིག་བསྐུར།

ང་བུ་ཆུང་གི་སེམས་ནང་ནས།

གསོལ་བ་འདེབས་སོ།

གསོལ་བ་འདེབས་སོ།

ཨ་་་ཨོ་་་ཨ་མ།

ང་ས་ཆ་གང་ལ་སོང་ན།

ཁྱེད་མིག་ལ་ཤར་བྱུང་ལོ།

ང་ས་ཆ་གང་ལ་སོང་ན།

ཁྱེད་མིག་ལ་ཤར་བྱུང་ལོ།

རྫ་ཆུ་སྔོན་མོ་དེ།

སི་ལིང་ལིང་གི་འབབ།

ངས་ཨ་མ་ཡི་སྐད་སྒྲ་དེ།

ཡིད་ལ་འཁོར་བྱུང་ལོ།

ཨ་་་ཨོ་་་ཨ་མ།

ང་ས་ཆ་གང་ནས་ཡོང་ན།

ཁྱེད་སྐད་ཆ་གོ་འདུག་ལོ།

ང་ས་ཆ་གང་ནས་ཡོང་ན།

ཁྱེད་སྐད་ཆ་གོ་འདུག་ལོ།

ང་ས་ཆ་གང་ནས་ཡོང་ན།

ཁྱེད་སྐད་ཆ་གོ་འདུག་ལོ།

ང་ས་ཆ་གང་ནས་ཡོང་ན།

ཁྱེད་སྐད་ཆ་གོ་འདུག་ལོ།

同歌手歌词